今天是:
【能力建设年】白玉法院每周一讲《民法典》
信息来源: 2021/1/21 11:14:15

每周一讲《民法典》


●《中华人民共和国民法典》第一千零九十条 离婚时,如果一方生活困难,有负担能力的另一方应当给予适当帮助。具体办法由双方协议;协议不成的,由人民法院判决。



《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་》ནང་གི་དོན་ཚན་བརྒྱ་དང་དགུ་བཅུ་པ། བཟའ་ཚང་ཁ་བྲལ་སྐབས། གལ་ཏེ་ཕྱོགས་གཅིག་གི་འཚོ་བར་དཀའ་ངལ་ཡོད་ཚེ། འགན་ནུས་པའི་ཕྱོགས་གཞན་དེས་རོགས་རམ་འོས་འཚམ་བྱ་དགོས། བྱེད་ཐབས་ཞིབ་ཕྲ་ཕྱོགས་གཉིས་ནས་གྲོས་མོལ་བྱ་རྒྱུ་དང་། གྲོས་མཐུན་མ་བྱུང་ན་མི་དམངས་ཁྲིམས་ཁང་གིས་དཔྱད་མཚམས་གཏོང་དགོས།



 法官释法


     该规定中的“一方生活困难”,是指依靠个人财产和离婚时分得的财产无法维持当地基本生活水平。具体情形为:一方当事人为家庭付出较多,离婚后,没有经济收入,没有住所,仍需抚养未成年子女的,属于生活困难者。解决方式:1.夫妻共有的房屋,离婚时,分割住房由双方协议解决;协议不成的,由人民法院根据双方的具体情况,按照照顾子女和女方权益的原则判决。夫妻双方另有约定的除外。2.夫妻共同租用的房屋,离婚时,女方的住房应当按照照顾子女和女方权益的原则解决。3.离婚时,一方以个人财产中的住房对生活困难者进行帮助的形式,可以是房屋的居住权或者房屋的所有权。关于房屋的居住期限,应结合案情具体情况具体分析。在不影响另一方生活的情形下,生活困难者可以居住至再婚时。


གཏན་འབེབས་འདིའི་ནང་གི་ཕྱོགས་གཅིག་གི་འཚོ་བར་དཀའ་ངལ་ཡོད་པ་ཞེས་པ་ནི་མི་སྒེར་གྱི་རྒྱུ་ནོར་དང་བཟའ་ཚང་ཁ་བྲལ་སྐབས་ཐོབ་པའི་རྒྱུ་ནོར་ལ་བརྟེན་ནས་ས་གནས་དེ་གའི་གཞི་རྩའི་འཚོ་བའི་ཆུ་ཚད་རྒྱུན་སྲུང་བྱེད་ཐབས་བྲལ་བར་བསྟན། གནས་ཚུལ་ཞིབ་ཕྲ་ནི། དོ་བདག་ཕྱོགས་གཅིག་གིས་ཁྱིམ་ཚང་གི་ཆེད་དུ་བློས་བཏང་བ་ཅུང་མང་བ། བཟའ་ཚང་ཁ་བྲལ་རྗེས། དཔལ་འབྱོར་གྱི་ཡོང་འབབ་དང་སྡོད་གནས་མེད་པས་ལོ་ན་མ་སོན་པའི་བུ་ཕྲུག་སྔར་བཞིན་གསོ་སྐྱོང་བྱ་དགོས་རིགས་ནི་འཚོ་བར་དཀའ་ངལ་ཡོད་མཁན་དེ་བརྩིས། ཐག་གཅོད་བྱེད་སྟངས། ༡.བཟའ་ཚང་ཐུན་མོང་ལ་དབང་བའི་ཁང་པ་ཡོད་པ། བཟའ་ཚང་ཁ་བྲལ་སྐབས་ཁང་པ་བགོ་བཤའ་རྒྱག་རྒྱུ་དེ་ཕྱོགས་གཉིས་ཀས་གྲོས་མོལ་བྱས་ནས་ཐག་གཅོད་རྒྱུ། གྲོས་མཐུན་མ་བྱུང་ན། མི་དམངས་ཁྲིམས་ཁང་གིས་ཕྱོགས་གཉིས་ཀའི་གནས་ཚུལ་དངོས་ལ་གཞིགས་ནས་ཕྲུ་གུ་དང་བུད་མེད་ཀྱི་ཁེ་དབང་ལ་ལྟ་རྟོག་བྱེད་པའི་རྩ་དོན་ལྟར་དཔྱད་མཚམས་གཏོང་རྒྱུ། བཟའ་ཚང་ཕྱོགས་གཉིས་ཀས་ཁ་དན་གཞན་བཞག་ཡོད་པ་ཕུད་དགོས། ༢. བཟའ་ཚང་ཐུན་མོང་གིས་ཁང་པ་གླས་པ་ཡིན་ན། བཟའ་ཚང་ཁ་བྲལ་སྐབས་བུད་མེད་ཀྱི་སྡོད་ཁང་དེ་བུ་ཕྲུག་དང་བུད་མེད་ཀྱི་ཁེ་དབང་ལ་ལྟ་རྟོག་བྱེད་པའི་རྩ་དོན་ལྟར་ཐག་གཅོད་བྱ་དགོས། ༣. བཟའ་ཚང་ཁ་བྲལ་སྐབས། ཕྱོགས་གཅིག་གིས་མི་སྒེར་གྱི་རྒྱུ་ནོར་ཁྲོད་ཀྱི་སྡོད་ཁང་གིས་འཚོ་བར་དཀའ་ངལ་ཡོད་པའི་མིར་རོགས་རམ་བྱེད་པའི་རྣམ་པ་དེ། ཁང་བའི་སྡོད་གནས་ཀྱི་དབང་ཆའམ་ཡང་ན་ཁང་པའི་བདག་དབང་ཡིན་ཆོག ཁང་པའི་གནས་སྡོད་དུས་ཡུན་ཐད་གྱོད་གཞིའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་ཞིབ་ཕྲའི་དབྱེ་ཞིབ་བྱེད་དགོས། ཕྱོགས་ཅིག་ཤོས་ཀྱི་འཚོ་བར་ཤུགས་རྐྱེན་མི་ཐེབས་པའི་གནས་ཚུལ་འོག་འཚོ་བར་དཀའ་ངལ་ཡོད་མཁན་གྱིས་ཡང་བསྐྱར་གཉེན་སྒྲིག་བྱས་ཆོག།